2025-06-25 12:15 | 来源:尼木县自然资源和林业草原局 | 访问量: | 【字体:大中小】 | 【打印文本】 |
分享到:
|
根据《自然资源部 财政部 生态环境部 水利部 国家林业和草原局关于印发<自然资源统一确权登记暂行办法>的通知》(自然资发〔2019〕116号)、《拉萨市2025年度自然资源统一确权登记项目工作方案》等文件要求,从本通告发布之日起,按照资源公有、物权法定和统一确权登记的原则,开展墨竹玛曲、雪绒藏布、尼木玛曲3条河流的自然资源确权登记。现将有关事项通告如下:
一、登记范围
墨竹玛曲、雪绒藏布、尼木玛曲。其中墨竹玛曲、雪绒藏布位于拉萨市墨竹工卡县,尼木玛曲位于拉萨市尼木县。
二、登记单元预划
以墨竹玛曲、雪绒藏布、尼木玛曲河湖岸线划界成果数据为基础,各预划为1个登记单元。
三、工作时间
本次开展自然资源首次登记工作的时间为自通告发布之日起至2026年9月30日。
四、其他事项
本次确权登记,重点明确以上3条河流范围内自然资源的所有权主体、所有者职责履行(代理履行)主体及履行方式等权属状况,记载登记范围内各类自然资源的数量、质量、种类、分布等自然状况,以及其他事项。登记单元所涉及的集体土地所有权人、国有土地使用权人等相关主体,应当积极配合做好确权登记相关工作。
特此通告。
拉萨市自然资源局
2025年6月25日
གྲོང་ཁྱེར་ས་ཁོངས་ནང་གཙང་པོ་གསུམ་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱི་བརྡ་ཐོ།
《རང་བྱུང་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུད་བཅས་ཀྱི〈རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་བདག་དབང་གཏན་འཁེལ་ཐོ་འགོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(རང་བྱུང་ཐོན་ཁུངས་སྤེལ[2019]ཡིག་ཨང་116པ)དང་《ལྷ་ས་གྲོང་ཁྱེར་གྱི་2025ལོའི་ལོ་འཁོར་གྱི་རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་བདག་དབང་གཏན་འཁེལ་ཐོ་འགོད་རྣམ་གྲངས་ཀྱི་ལས་ཀའི་ཇུས་གཞི》སོགས་ཡིག་ཆའི་བླང་བྱ་གཞིར་བཟུང་། བརྡ་ཐོ་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ཐོན་ཁུངས་སྤྱི་ལ་དབང་བ་དང་། དངོས་པོའི་བདག་དབང་བཅའ་ཁྲིམས། གཅིག་གྱུར་བདག་དབང་གཏན་འཁེལ་ཐོ་འགོད་བཅས་རྩ་དོན་དུ་བཟུང་སྟེ། མལ་གྲོ་མ་ཆུ་དང་། གཞུ་རོང་གཙང་པོ། སྙེ་མོ་མ་ཆུ་བཅས་གཙང་པོ་གསུམ་གྱི་རང་བྱུང་ཐོན་ཁུངས་བདག་དབང་གཏན་འཁེལ་ཐོ་འགོད་བྱ་རྒྱུ། ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
གཅིག ཐོ་འགོད་ཁྱབ་ཁོངས།
མལ་གྲོ་མ་ཆུ་དང་། གཞུ་རོང་གཙང་པོ། སྙེ་མོ་མ་ཆུ་བཅས་ཡིན་ཞིང་། དེའི་ནང་མལ་གྲོ་མ་ཆུ་དང་གཞུ་རོང་གཙང་པོ་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་སུ་གནས་པ་དང་སྙེ་མོ་མ་ཆུ་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་སུ་གནས་ཡོད།
གཉིས། སྡེ་ཚན་ཐོ་འགོད་ཀྱི་སྔོན་ཚུད་འཆར་འགོད།
མལ་གྲོ་མ་ཆུ་དང་། གཞུ་རོང་གཙང་པོ། སྙེ་མོ་མ་ཆུ་བཅས་གཙང་པོ་དང་མཚེའུ་འགྲམ་རྒྱུད་ཀྱི་ས་མཚམས་དབྱེ་བའི་གྲུབ་འབྲས་ཀྱི་གཞི་གྲངས་རྨང་གཞིར་བྱས་ཏེ་རེ་རེ་བཞིན་ཐོ་འགོད་སྡེ་ཚན་གཅིག་ཏུ་སྔོན་བཀོད་བྱས་ཡོད།
གསུམ། ལས་ཀའི་དུས་ཚོད།
ད་ཐེངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ཐོག་མའི་ཐོ་འགོད་ལས་དོན་སྤེལ་བའི་དུས་ཚོད་ནི་བརྡ་ཁྱབ་བཏང་བའི་ཉིན་ནས་2026ལོའི་ཟླ་9ཚེས་30ཉིན་བར་ཡིན།
བཞི། དོན་ཚན་གཞན་དག
ད་ཐེངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་ནང་གཙོ་གནད་ཐོག་གོང་གསལ་གྱི་གཙང་པོ་གསུམ་གྱི་ཁྱབ་ཁོངས་ནང་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་བྱེད་པོ་དང་། བདག་དབང་ཡོད་མཁན་གྱི་འགན་འཁྲིའི་ལག་བསྟར(ཚབ་སྒྲུབ་ལག་བསྟར)བྱེད་པོ། དེ་བཞིན་ལག་བསྟར་བྱེད་སྟངས་སོགས་དབང་ཁོངས་ཀྱི་གནས་ཚུལ་ཁ་གསལ་བཟོས་ཏེ། ཐོ་འགོད་ཁྱབ་ཁོངས་ནང་རང་བྱུང་ཐོན་ཁུངས་རིགས་ཀྱི་གྲངས་འབོར་དང་། སྤུས་ཚད། རིགས་སྣ། ཁྱབ་ཚུལ་སོགས་རང་བྱུང་གནས་ཚུལ་དང་དེ་བཞིན་དོན་ཚན་གཞན་དག་བཅས་འགོད་དགོས། ཐོ་འགོད་སྡེ་ཚན་དང་འབྲེལ་བ་ཡོད་པའི་མཉམ་སྡེབ་ས་ཆའི་བདག་དབང་ཡོད་མཁན་དང་གཞུང་ཁོངས་ས་ཆ་སྤྱོད་དབང་ཡོད་མཁན་སོགས་འབྲེལ་ཡོད་བྱེད་པོར་དབང་ཆ་གཏན་འཁེལ་ཐོ་འགོད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས།
དེ་དོན་ཆེད་དུ་གསལ་བརྡ་གཏོང་རྒྱུ།
ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད།
༢༠༢༥ལོའི་ཟླ་༦པའི་ཚེས་༢༥ཉིན།
扫一扫在手机打开当前页